• vtem slides

    ༧གོང་ས་མཆོག་ནས་གནང་བའི་གསོལ་འདེབས། 

    དཔྱད་གསུམ་རིགས་པས་ལེགས་པར་དག་མཛད་པའི། །
    ཚང་ལ་མ་ནོར་བློ༷་བཟ༷ང་རྒྱལ༷་བའི་བསྟ༷ན། །
    འཛིན་མཁས་འཇི༷གས་བྲ༷ལ་དབ༷ང་ཕྱུ༷ག་འགྲོ་བའི་མགོན། །
    མཚུངས་མེད་དཔལ་ལྡན་བླ་མར་གསོལ་བ་འདེབས། །

  • vtem slides

    ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་ཡང་སྲིད་ཕེབས་པ།  

    དཔལ་ལྡན་བླ་མའི་སྐུ་བཞིའི་ཉི་གཞོན་མདངས། །
    རབ་མཛེས་ལྷུན་པོའི་ངོས་སུ་ཤར་བའི་གཟིས། །
    ཟབ་གསང་གསུང་གི་གྲུ་ཆར་རྒྱུན་འབེབས་པས། །
    སྐལ་ལྡན་གདུལ་བྱའི་བློ་གྲོས་པད་ཁ་བཞད། །

  • vtem slides

    གང་གི་མཛད་འཕྲིན་ལ་བསྟོད་པ། 

    མཐའ་ཡས་ཤེས་བྱའི་མཛོད་ཆེན་སྟོང་སང་མཁར། །
    དྲི་མེད་ཆོས་ཚུལ་རབ་རྒྱས་འོད་དཀར་ཆེས། །
    སྣ་ཚོགས་འགྲོ་བའི་སེམས་ཁམས་འཛིན་མའི་གཞིར། །
    བཅུད་ལྡན་དགེ་བའི་ཀུ་མུད་འདབ་བརྒྱ་བཀྲོལ། །

  • vtem slides

    གསང་གསུམ་གྱི་ཆེ་བ་བརྗོད་པ། 

    རྒྱལ་ཀུན་མཁྱེན་པའི་ཆུ་གཏེར་ལས་འཁྲུངས་ཤིང་། །
    རྒྱལ་བསྟན་མདོ་སྔགས་བཤད་དང་སྒྲུབ་པ་ཡིས། །
    རྒྱལ་བསྟན་འཛིན་དང་སྤེལ་ལ་ཟླ་བྲལ་བའི། །
    རྒྱལ་བའི་དབང་པོའི་ཞབས་རྡུལ་གཙུག་གིས་མཆོད། །

  • vtem slides

    གསང་གསུམ་གྱི་ཡོན་ཏན་ལ་བསྔགས་པ། 

    གང་གི་བློ་གྲོས་རབ་ཡངས་པད་མའི་ཚལ། །
    རྨད་དུ་བྱུང་བའི་སྟོང་ལྡན་འདབ་མ་རྒྱས། །
    ཉེར་གཅིག་ལང་ཚོ་རྒྱས་པའི་དཔལ་ཡོན་མགོན། །
    སྔོན་བྱོན་མེས་པོའི་གཟི་བྱིན་རྒྱན་གྱིས་བརྒྱན། །

  • vtem slides

    གསོལ་འདེབས་དད་པའི་དབྱངས་སྙན། 

    རྣམ་དཔྱོད་བློ༵་གྲོས་བཟ༵ང་པོའི་རྩལ་རྫོགས་པས། །
    རྒྱ༵ལ་ཀུན་གསང་མཛོད་དགེ་ལྡན་བསྟ༵ན་པའི་སྲོལ། །
    འཛིན་སྐྱོང་སྤེལ་ལ་འཇི༵གས་མེད་ཟླ་བྲ༵ལ་བ། །
    མཁས་ཤིང་གྲུབ་པའི་དབ༵ང་ཕྱུ༵ག་གསོལ་བ་འདེབས། །

  • vtem slides

    ཆུང་སྲིད་རིན་པོ་ཆེ་དང་འབྲེལ་བའི་མཛད་འཕྲིན། 

    ཐུགས་བསྐྱེད་དམ་བཅའི་རྟ་བདུན་ཤར་བའི་གཟིས། །
    བདག་བློ་དད་པའི་པད་ཁ་རྣམ་པར་གྲོལ། །
    བླ་སློབ་དམ་ཚིག་གཙང་མའི་འཛིན་མའི་གཞིར། །
    འགྲོ་བའི་བདེ་སྐྱིད་དབྱར་དཔལ་ལང་ཚོ་རྒྱས། །

  • vtem slides

    མཛད་པ་དང་རྣམ་པར་ཐར་པ། 

    རྒྱལ་ཀུན་མཁྱེན་པའི་ཆུ་གཏེར་ལས་འཁྲུངས་ཤིང་། །
    རྒྱལ་བསྟན་མདོ་སྔགས་བཤད་དང་སྒྲུབ་པ་ཡིས། །
    རྒྱལ་བསྟན་འཛིན་དང་སྤེལ་ལ་ཟླ་བྲལ་བའི། །
    རྒྱལ་བའི་དབང་པོའི་ཞབས་རྡུལ་གཙུག་གིས་མཆོད། །

  • vtem slides

    རྗེས་དྲན་གྱི་མཆོད་སྡོང་། 

    སྙིགས་མ་ལྔ་བདོའི་བློ༷་བཟ༷ང་རྒྱ༷ལ་བའི་བསྟ༷ན། །
    འཛིན་སྐྱོང་སྤེལ་ལ་བློ་བཟང་རྒྱལ་བ་དངོས། །
    བསྟན་པའི་རྩ་ལག་འཇི༷གས་མེད་ཟླ་བྲ༷ལ་རྗེ། །
    འཁོར་བསྒྱུར་རིགས་པའི་དབ༷ང་ཕྱུ༷ག་ཕྱག་གི་ཡུལ། །

ངང་ཙམ་སྒུག་པ།......

བསྟ༵ན་འགྲོ་ཕན་བདེའི་ལམ་བཟང་སྟོན་མཛད་རྣམ་འདྲེན་རྒྱལ་བའི་ལུང་རྟོགས་བསྟན། །
འཛི༵ན་ལ་ཟླ་བྲལ་ཉེར་གཅིག་དུས་འདིར་ཐེག་མཆོག་བཤེས་ཀྱི་གཟུགས་སུ་བྱོན། །
རྒྱ༵ལ་བའི་དགོངས་བཅུད་གདམས་པའི་མཛོད་འཛིན་ས་ཆེན་འདི་ལ་ཞབས་ཀྱིས་བཅགས། །
བསྟ༵ན་པའི་གཞི་མ་འཕགས་ཚོགས་མདུན་སར་ཁྱོད་ཉིད་ཕེབས་པར་དགའ་བས་བསུ། །

༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་དྲ་མཛོད།

མཛད་རྣམ་སྙིང་བསྡུས།

choden rinpoche thumbnail 001l༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་མཆོག་ནི། གངས་ལྗོངས་བྱང་ཤར་ཁུལ་གྱི་རྡ་ཧེ་ཞེས་པའི་སར་སྐུ་འཁྲུངས། ར་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་གིས་ཆོས་ལྡན་སྐུ་ཕྲེང་དང་པོའི་ཡང་སྲིད་དུ་ངོས་འཛིན་གནང༌། དགུང་ལོ་བདུན་པར་༧སྐྱབས་རྗེ་ཕ་བོང་ཁ་པའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་དུ་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་ཅེས་བསྩལ་གནང་མཛད། དེ་ནས་དགུང་ལོ་བཅུ་དྲུག་ཐོག་དབུས་སུ་ཕེབས་ཏེ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་བགྲང་བྱ་ཉི་ཤུ་ཙམ་གྱི་རིང་གཞུང་ཆེན་བཀའ་པོད་ལྔར་གུས་རྟག་སྦྱོར་བས་གསན་བསམ་མཐར་ཕྱིན་མཛད།   

རྒྱས་པར་གཟིགས།...

འདོན་ཆོག་སྐོར་གྱི་སྡེ་ཚན།

ལམ་རིམ་བླ་མ་བརྒྱུད་པའི་མཚན་སྔགས།

sbs 011ཆོས་ཚན་གྱི་མིང་། ལམ་རིམ་བླ་མ་བརྒྱུད་པའི་མཚན་སྔགས།
མཛད་པ་པོ། ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ།
བརྗོད་བྱ། མཚན་སྔགས།
འཕྲུལ་དེབ་སྤྱིའི་ཨང་། SBS-016
དྲ་ཐོག་འཇུག་དུས། ཕྱི་ལོ། ༢༠༡༧ ཟླ། ༥ ཚེས། ༢༥ ཉིན།

ངོ་སྤྲོད་མདོར་བསྡུས།

༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་གིས་ལྗགས་རྩོམ་གནང་བའི་ཕྱག་དཔེ་འདི་ནི་རོང་པོ་དགའ་ལྡན་རབ་བརྟན་གླིང་གི་སློབ་ཟུར་བློ་བཟང་འཕེལ་རྒྱས་མཆོག་གི་ཐུགས་བཞེད་བཞིན། དགོན་དེའི་སྤྲུལ་མིང་པ་བརྡ་སྤྲ... རྒྱས་པར་གཟིགས།..

ཡིད་བཞིན་འཁོར་ལོའི་བརྒྱུད་འདེབས།

sbs 011ཆོས་ཚན་གྱི་མིང་། ཡིད་བཞིན་འཁོར་ལོའི་བརྒྱུད་འདེབས།
མཛད་པ་པོ། ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ།
བརྗོད་བྱ། གསོལ་བ་འདེབས་པ།
འཕྲུལ་དེབ་སྤྱིའི་ཨང་། SBS-011
དྲ་ཐོག་འཇུག་དུས། ཕྱི་ལོ། ༢༠༡༧ ཟླ། ༤ ཚེས། ༢༢ ཉིན།

ངོ་སྤྲོད་མདོར་བསྡུས།

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བརྒྱུད་འདེབས་འདི་ཉིད་ཀྱི་ཁོངས་སུ་གཏོགས་པའི་བླ་མ་ཡབ་སྲས་ཀྱི་གསུང་སྐྱེས་བྱ་བྲལ་སྒྲུབ་པའི་རྒྱལ་མཚན་འཛིན་པ་རྒན་འཕྲིན་ལས་བརྩོན་འགྲུས་ལགས་ལགས་ཀྱི་གཙོས་པའ... རྒྱས་པར་གཟིགས།..

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ།

sbs 010ཆོས་ཚན་གྱི་མིང་། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ།
མཛད་པ་པོ། ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ།
བརྗོད་བྱ། ཚེ་སྤེལ་བའི་ཐབས།
འཕྲུལ་དེབ་སྤྱིའི་ཨང་། SBS-010
དྲ་ཐོག་འཇུག་དུས། ཕྱི་ལོ། ༢༠༡༧ ཟླ། ༣ ཚེས། ༧ ཉིན།

ངོ་སྤྲོད་མདོར་བསྡུས།

༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་གིས་ལྗགས་རྩོམ་གནང་བའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་ཀྱི་ཆོ་ག་འདི་ནི་སྐྱབས་རྗེ་བདེ་ཆེན་སྙིང་པོ་མཆོག་དང་། ཡོངས་འཛིན་རྡོ་རྗེ་འཆང་པདྨ་གར་... རྒྱས་པར་གཟིགས།..

གཞུང་ཆེན་མོའི་སྐོར་གྱི་སྡེ་ཚན།

ནཱ་རོ་ཆོས་དྲུག་གི་བཀའ་ཁྲིད།

sb 013ཆོས་ཚན་གྱི་མིང་། ནཱ་རོ་ཆོས་དྲུག་གི་བཀའ་ཁྲིད།
མཛད་པ་པོ། ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ།
བརྗོད་བྱ། ཆོས་དྲུག་གི་སྐོར།
འཕྲུལ་དེབ་སྤྱིའི་ཨང་། SB-014
དྲ་ཐོག་འཇུག་དུས། ཕྱི་ལོ། ༢༠༡༧ ཟླ། ༡༠ ཚེས། ༢༣ ཉིན།
ངོ་སྤྲོད་མདོར་བསྡུས།
༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་གིས་བཀའ་ཁྲིད་གནང་བའི་དཔེ་དེབ་འདི་ནི་འཁོར་ཐག་ལས་ཕབ་བཤུས་དང་བཅས་གྲུབ་པའི་སྐབས་རིན་པོ་ཆེ་མཆོག་གིས་གཟིགས་ཞིབ་གྲུབ་པའི་དཔེ་དེབ་ཅིག་ཡིན། དེང་གི་དུས་སུ་དབང་ལུང་མན་ངག་ཅན་གྱི་སློབ་མ་རྣམས་ལ་ཉིན་རེའི་དགེ་སྦྱོར་བྱེད་སྐབས་ནཱ་རོ་ཆོས་དྲུག་སྐོར་ཉམས་སུ་ལེན་སྟངས་ལག་ལེན་འཁྱེར་བདེ་བ་སོགས་ཕན་རླབས་ཤིན་ཏུ་ཆེ་བར་བསམ་ནས་འཇུག་སྒྲིག་བྱས་པའོ། །
དེ་བཞིན་ཕྱོགས་གང་སར་གནང... རྒྱས་པར་གཟིགས།..

ཐུན་དྲུག་བླ་མའི་རྣལ་འབྱོར་གྱི་འགྲེལ་པ།

sb 013ཆོས་ཚན་གྱི་མིང་། ཐུན་དྲུག་བླ་མའི་རྣལ་འབྱོར་གྱི་འགྲེལ་པ།
མཛད་པ་པོ། ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ།
བརྗོད་བྱ། བླ་མའི་རྣལ་འབྱོར།
འཕྲུལ་དེབ་སྤྱིའི་ཨང་། SB-013
དྲ་ཐོག་འཇུག་དུས། ཕྱི་ལོ། ༢༠༡༧ ཟླ། ༨ ཚེས། ༢༥ ཉིན།
ངོ་སྤྲོད་མདོར་བསྡུས།
༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་གིས་བཀའ་ཁྲིད་གནང་བའི་དཔེ་དེབ་འདི་ནི་འཁོར་ཐག་ཕབ་བཤུས་ལས་གྲུབ་པའི་དཔེ་དེབ་ཅིག་ཡིན། དེང་གི་དུས་སུ་དབང་ལུང་མན་ངག་ཅན་གྱི་སློབ་མ་རྣམས་ལ་ཉིན་རེའི་དགེ་སྦྱོར་བྱེད་སྐབས་ཐུན་དྲུག་ཇི་ལྟར་བསྐྱང་དགོས་པར་ལག་ལེན་འཁྱེར་བདེ་བ་སོགས་ཕན་རླབས་ཤིན་ཏུ་ཆེ་བར་བསམ་ནས་འཇུག་སྒྲིག་བྱས་པའོ། །
དེ་བཞིན་ཕྱོགས་གང་སར་གནང་བའི་དབང་ལུང་མན་ངག་གི་བཀའ་ཁྲིད་དང་བཀའ་སློབ་བཅས་དྲ་ར... རྒྱས་པར་གཟིགས།..

སྔགས་ས་ལམ་གྱི་བཤད་པ།

sb 003ཆོས་ཚན་གྱི་མིང་། སྔགས་ས་ལམ་གྱི་བཤད་པ།
མཛད་པ་པོ། ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ།
བརྗོད་བྱ། གསང་སྔགས་ཀྱི་ལམ་བགྲོད་ཚུལ།
འཕྲུལ་དེབ་སྤྱིའི་ཨང་། SB-003
དྲ་ཐོག་འཇུག་དུས། ཕྱི་ལོ། ༢༠༡༦ ཟླ། ༡ ཚེས། ༡༥ ཉིན།

ངོ་སྤྲོད་མདོར་བསྡུས།
༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་གིས་ལྗགས་རྩོམ་གནང་བའི་དཔེ་དེབ་ཁག་དང་། འདོན་ཆོག་སྐོར། དེ་བཞིན་ཕྱོགས་གང་སར་གནང་བའི་དབང་ལུང་མན་ངག་གི་བཀའ་ཁྲིད་དང་བཀའ་སློབ་བཅས་དྲ་རྒྱ་འདིའི་བརྒྱུད་ནས་རིན་མེད་ཕབ་ལེན་དང་བལྟ་ཀློག་སོགས་བཀོལ་སྤྱོད་གནང་ན་དགའ་བསུ་ཞུ།

རྒྱས་པར་གཟིགས།..

ལམ་རིམ་དང་བློ་སྦྱོང་སྐོར་གྱི་སྡེ་ཚན།

ཤར་སྒོམ་བྱིན་རླབས་སྤུངས་ཞུས་ཀྱི་མཆན་བུ་འཛམ་བུའི་འཁྲི་ཤིང་།

sb 012

ཆོས་ཚན་གྱི་མིང་། ཤར་སྒོམ་བྱིན་རླབས་སྤུངས་ཞུས་ཀྱི་མཆན་བུ་འཛམ་བུའི་འཁྲི་ཤིང་།
མཛད་པ་པོ། ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ།
བརྗོད་བྱ། སེམས་གནས་པའི་ཐབས།
འཕྲུལ་དེབ་སྤྱིའི་ཨང་། SB-012
དྲ་ཐོག་འཇུག་དུས། ཕྱི་ལོ། ༢༠༡༧ ཟླ། ༦ ཚེས། ༢༠ ཉིན།
ངོ་སྤྲོད་མདོར་བསྡུས།
༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་གིས་ལྗགས་རྩོམ་གནང་བའི་དཔེ་དེབ་འདི་ནི་མདོ་སྔགས་ཕྱག་ལེན་དང་བཅས་པ་ལ་སྦྱངས་པ་མི་དམན་པ་སེར་བྱེས་དགེ་བཤེས་མཉྫུ་ཤྲཱི་ཛྙཱ་ནས་ཡང་ཡང་ནན་གྱིས་བསྐུལ་ངོ་མ་ལྡོག་པར། ཡོངས་རྫོགས་བསྟན་པའི་མངའ་བདག་བདག་གི་མཁན་རིན་པོ་ཆེ་༧རྗེ་བཙུན་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་ཡབ་སྲས་རྣམས་ཀྱི་བཀའ་དྲིན་ལས། བློ་མིག་ཅུང་ཟད་ཕྱེ་བའི་བྷུ་སུ་ཀུ་སྤྲུལ་... རྒྱས་པར་གཟིགས།..

དམ་པའི་སྤྱོད་པ་ལ་འཇུག་པའི་གཏམ་གྱི་ཕྲེང་བ།

sb 010

ཆོས་ཚན་གྱི་མིང་། དམ་པའི་སྤྱོད་པ་ལ་འཇུག་པའི་གཏམ་གྱི་ཕྲེང་བ།
མཛད་པ་པོ། ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ།
བརྗོད་བྱ། དམ་པའི་སྤྱོད་པ་ལ་འཇུག་པའི་གཏམ།
འཕྲུལ་དེབ་སྤྱིའི་ཨང་། SB-011
དྲ་ཐོག་འཇུག་དུས། ཕྱི་ལོ། ༢༠༡༧ ཟླ། ༠༥ ཚེས། ༠༡ ཉིན།
ངོ་སྤྲོད་མདོར་བསྡུས།
༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་གིས་ལྗགས་རྩོམ་གནང་བའི་དཔེ་དེབ་འདི་ནི་ཕྱི་ལོ་ ༡༩༧༠ ལོར་རོང་པོ་རབ་བརྟན་དགོན་གྱི་གྲྭ་རིགས་དགའ་ཤར་ལྷོ་ཁང་གྲུབ་དབང་དམ་པ་དགེ་སློང་ཐུབ་བསྟན་ཆོས་འཕེལ་ནས་ལྷ་གོས་རྟེན་བཅས་ནན་ཆེན་པོས་བསྐུལ་བ་ལ་བརྟེན་ནས་རིན་པོ་ཆེ་མཆོག་གིས་བརྩམས་པར་མཛད། དེ་བཞིན་ཕྱོགས་གང་སར་གནང་བའི་དབང་ལུང་མན་ངག་གི་བཀའ་ཁྲིད་དང་བཀའ་སློབ་བཅས་དྲ་རྒྱ་འདིའི་བརྒྱུད་ནས་རིན་མེད་... རྒྱས་པར་གཟིགས།..

ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད།

sb 008ཆོས་ཚན་གྱི་མིང་། ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད།

མཛད་པ་པོ། ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ།
བརྗོད་བྱ། བློ་སྦྱོང་བའི་རིམ་པ།
འཕྲུལ་དེབ་སྤྱིའི་ཨང་། SB-008
དྲ་ཐོག་འཇུག་དུས། ཕྱི་ལོ། ༢༠༡༧ ཟླ། ༣ ཚེས། ༧ ཉིན།
ངོ་སྤྲོད་མདོར་བསྡུས།
༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་གིས་ལྗགས་རྩོམ་གནང་བའི་དཔེ་དེབ་ཁག་དང་། འདོན་ཆོག་སྐོར། དེ་བཞིན་ཕྱོགས་གང་སར་གནང་བའི་དབང་ལུང་མན་ངག་གི་བཀའ་ཁྲིད་དང་བཀའ་སློབ་བཅས་དྲ་རྒྱ་འདིའི་བརྒྱུད་ནས་རིན་མེད་ཕབ་ལེན་དང་བལྟ་ཀློག་སོགས་བཀོལ་སྤྱོད་གནང་ན་དགའ་བསུ་ཞུ། དེ་ཡང་བརྙན་ཆས། iPad, iPhone and iPod སོགས་ཀྱི་ཐོག་ནས་རང་རང་གི་ཐུགས་འདོད་ལྟར་གསན་གཟིགས་དང་ཕབ་ལེན་སོགས་བྱ་ཐུབ་ཀྱིན་ཡོད།

ཕ... རྒྱས་པར་གཟིགས།..

གསུང་རྩོམ་ཐོར་བུ་ཁག་གི་སྡེ་ཚན།

བསམ་གཏན་གྱི་ངོ་བོ་ཞི་གནས་ལ་བསླབ་ཚུལ།

sb 016ཆོས་ཚན་གྱི་མིང་། བསམ་གཏན་གྱི་ངོ་བོ་ཞི་གནས་ལ་བསླབ་ཚུལ།
མཛད་པ་པོ། ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ།
བརྗོད་བྱ། ལུས་སེམས་ལས་རུང་དུ་བྱ་བ།
འཕྲུལ་དེབ་སྤྱིའི་ཨང་། SB-016
དྲ་ཐོག་འཇུག་དུས། ཕྱི་ལོ། ༢༠༡༨ ཟླ། ༩ ཚེས། ༢༧ ཉིན།
ངོ་སྤྲོད་མདོར་བསྡུས།
༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་སྐུ་གོང་མ་མཆོག་གིས་བཀའ་ཁྲིད་གནང་བའི་དཔེ་དེབ་འདི་ནི་གསུང་འཁོར་ལས་ཕབ་བཤུས་བྱས་ནས་གྲུབ་པའི་འཕྲུལ་དེབ་ཅིག་ཡིན། དེང་གི་དུས་སུ་སྒོམ་སྒྲུབ་དོན་གཉེར་ཅན་རྣམས་ཀྱི་ལུས་སེམས་ལས་རུང་དུ་བྱ་བ་དང་། སེམས་གནས་པའི་ཐབས་བསམ་གཏན་གྱི་ངོ་བོ་ཞི་གནས་ལ་བསླབ་ཚུལ་ལག་ལེན་འཁྱེར་བདེ་བ་སོགས་ཕན་རླབས་ཤིན་ཏུ་ཆེ་བར་བསམ་ནས་དེབ་ཕྲེང་བཞི་པའི་ཁོངས་ཀྱི་ཆོས་ཚན་ཞིག་ཡིན། དེ་བཞིན་ཕྱོགས་གང་སར་གནང་བའི་དབང་ལུང་མན་... རྒྱས་པར་གཟིགས།..

ཞི་ལྷག་ཟུང་འབྲེལ་གྱི་ཉམས་ལེན་གྱི་སྐོར།

sb 015ཆོས་ཚན་གྱི་མིང་། ཞི་ལྷག་ཟུང་དུ་འབྲེལ་བའི་ཉམས་ལེན་གྱི་སྐོར།
མཛད་པ་པོ། ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ།
བརྗོད་བྱ། ལུས་སེམས་ལས་རུང་དུ་བྱ་བ།
འཕྲུལ་དེབ་སྤྱིའི་ཨང་། SB-015
དྲ་ཐོག་འཇུག་དུས། ཕྱི་ལོ། ༢༠༡༨ ཟླ། ༥ ཚེས། ༣༡ ཉིན།
ངོ་སྤྲོད་མདོར་བསྡུས།
༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་སྐུ་གོང་མ་མཆོག་གིས་བཀའ་ཁྲིད་གནང་བའི་དཔེ་དེབ་འདི་ནི་གསུང་འཁོར་ལས་ཕབ་བཤུས་བྱས་ནས་གྲུབ་པའི་འཕྲུལ་དེབ་ཅིག་ཡིན། དེང་གི་དུས་སུ་དབང་ལུང་མན་ངག་ཅན་གྱི་སློབ་མ་རྣམས་ལ་ཉིན་རེའི་དགེ་སྦྱོར་དང་འབྲེལ་སེམས་གནས་པའི་ཐབས་ཞི་གནས་དང་ལྷག་མཐོང་གི་སྒྲུབ་པ་

རྒྱས་པར་གཟིགས།..

མཁན་ཟུར་བློ་བཟང་དབང་ཕྱུག་གི་མཛད་རྣམ།

sb 005ཆོས་ཚན་གྱི་མིང་། མཁན་ཟུར་བློ་བཟང་དབང་ཕྱུག་གི་མཛད་རྣམ།
མཛད་པ་པོ། ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ།
བརྗོད་བྱ། བླ་མའི་མཛད་རྣམ་གྱི་སྐོར།
འཕྲུལ་དེབ་སྤྱིའི་ཨང་། SB-005
དྲ་ཐོག་འཇུག་དུས། ཕྱི་ལོ། ༢༠༡༦ ཟླ། ༣ ཚེས། ༡༠ ཉིན།

ངོ་སྤྲོད་མདོར་བསྡུས།
༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་གིས་ལྗགས་རྩོམ་གནང་བའི་དཔེ་དེབ་ཁག་དང་། འདོན་ཆོག་སྐོར། དེ་བཞིན་ཕྱོགས་གང་སར་གནང་བའི་དབང་ལུང་མན་ངག་གི་བཀའ་ཁྲིད་དང་བཀའ་སློབ་བཅས་དྲ་རྒྱ་འདིའི་བརྒྱུད་ནས་རིན་མེད་ཕབ་ལེན་དང་བལྟ་ཀློག་སོགས་བཀོལ་སྤྱོད་གནང་ན་དགའ་བསུ་ཞུ།

རྒྱས་པར་གཟིགས།..

སྒྲ་མཛོད་ཀྱི་སྡེ་ཚན།

དབུ་མ་དགོངས་པ་རབ་གསལ། སྡེ་ཚན་གཉིས་པ།

སྡེ་ཚན། གཞུང་ཆེན།
འཁྲིད་མཁན། ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ།
བརྗོད་བྱ། ཟབ་མོ་དབུ་མའི་ཆོས་སྐོར།

ངོ་སྤྲོད་མདོར་བསྡུས། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་ཟབ་མོ་དབུ་མའི་ཆོས་སྐོར་ཞིག་ཡིན། སྒྲ་མཛོད་ཁག soundcloud.com/chodenrinpoche བརྒྱུད་ནས་རང་འདོད་ལྟར་གསན་རྒྱུ་དང་ཕབ་ལེན་བྱ་རྒྱུ་ཡོད། འཕྲུལ་དེབ་གྲུབ་... རྒྱས་པར་གཟིགས།..

དབུ་མ་དགོངས་པ་རབ་གསལ། སྡེ་ཚན་དང་པོ།

སྡེ་ཚན། གཞུང་ཆེན།
འཁྲིད་མཁན། ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ།
བརྗོད་བྱ། ཟབ་མོ་དབུ་མའི་ཆོས་སྐོར།

ངོ་སྤྲོད་མདོར་བསྡུས། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་ཟབ་མོ་དབུ་མའི་ཆོས་སྐོར་ཞིག་ཡིན། སྒྲ་མཛོད་ཁག soundcloud.com/chodenrinpoche བརྒྱུད་ནས་རང་འདོད་ལྟར་གསན་རྒྱུ་དང་ཕབ་ལེན་བྱ་རྒྱུ་ཡོད། འཕྲུལ་དེབ་གྲུབ་... རྒྱས་པར་གཟིགས།..

ཞུ་བ་སྤྱིར་བསྟན་པ།

སྡེ་ཚན། གཞུང་ཆེན།
འཁྲིད་མཁན། ༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ།
བརྗོད་བྱ། དམ་པའི་ཆོས་འདུལ་བའི་སྐོར།

ངོ་སྤྲོད་མདོར་བསྡུས། ཀུན་མཁྱེན་མཚོ་སྣ་བ་ཆེན་པོའི་གསུང་དམ་ཆོས་འདུལ་བའི་སྐོར། སྒྲ་མཛོད་ཁག soundcloud.com/chodenrinpoche བརྒྱུད་ནས་རང་འདོད་ལྟར་གསན་རྒྱུ་དང་ཕབ་ལེན་བྱ་རྒྱུ་ཡོད། འཕྲུལ་དེབ་གྲུབ་ཟིན་པ་... རྒྱས་པར་གཟིགས།..

བཀའ་དྲིན་རྗེས་དྲན་གྱི་རྩོམ་ཡིག་ཁག

འཁྲུངས་སྐར་བསུ་བའི་མཆོད་སྤྲིན།

༄༅། །རྒྱལ་ཀུན་གཙུག་རྒྱན་རྒྱལ་བ་ཤཱཀ་ཐུབ་དང་། །
དེའི་སྲས་ཐུ་བོ་བྱམས་དང་འཇམ་དབྱངས་སོཊ། །
བཀའ་དྲིན་ཅན་གྱི་བསྟན་པའི་མཛེས་རྒྱན་ལ། །
སྒོ་གསུམ་གུས་པའི་སྒོ་ནས་སྙིང་གིས་འདུད། །

རྒྱས་པར་གཟིགས།..

ཞབས་བརྟན་གསོལ་འདེབས་འཕྲིན་ལས་སྣང་བ་ཀུན་ཁྱབ།

༄༅། །སྐྱབས་མཆོག་ཆོས་ལྡན་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འཕྲིན་ལས་སྣང་བ་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི། དུས་གསུམ་རྒྱལ་ཀུན་འཕྲིན་ལས་ག་བུར་རྡུལ། །སྨིན་ལེགས་སྒེག་མཛེས་ཟླ་བའི་འཁྲི་ཤིང་གི །གར་དུ་ཟློས་པ་སྒྲོལ་མཛད་ཡིད་བཞིན་མས། །འཆི་མེད་བསིལ་ཆར་དེང་འདིར་བསྙིལ་བར་མཛོད། །

རྒྱས་པར་གཟིགས།..

དཔལ་ལྡན་བླ་མ་དམ་པ་དྲན་པའི་གདུང་འབོད།

ཐུན་མིན་དོན་ལ་བསྐལ་མང་རྒྱ་མཚོའི་སྔོན། །
བདེ་གཤེགས་བྱང་ཆེན་རྒྱལ་སར་བགྲོད་ཟིན་ཀྱང་། །
ཐུན་མོང་ངོར་དུའང་དམ་པའི་གཤིས་རྫོགས་པ། །
རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོའི་འོས་སྤྲུལ་ཆེ། །

རྒྱས་པར་གཟིགས།..

པར་མཛོད་ཀྱི་སྡེ་ཚན།

VTEM News Boxs

རིན་པོ་ཆེའི་སྐོར།

སྐུ་འཚོ་ཞིང་བཞུགས་པའི་སྐོར། སྐུ་གདུང་ཞུགས་འབུལ་གྱི་སྐོར། དད་རྟེན་རིང་བསྲེལ་གྱི་སྐོར་བཅས་པར་མཛོད་སྡེ་ཚན་མི་འདྲ་བ་… རྒྱས་པར་གཟིགས།
 
VTEM News Boxs

འབྲེལ་ཡོད་གཞན།

བླ་བྲང་གི་ཕྱག་མཛོད་དགེ་བཤེས་ཚེ་བརྟན་དགེ་ལེགས་མཆོག་གིས་གཙོས་པའི་ཕྱི་ནང་ཡུལ་གྲུ་གང་སར་ཡོད་པའི་འབྲེལ་ཡོད་སྐུ་ … རྒྱས་པར་གཟིགས།
 
VTEM News Boxs

ཡང་སྲིད་ཀྱི་སྐོར།

གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་མྱུར་བྱོན་གསོལ་འདེབས་དང་། དད་ལྡན་སློབ་མ་རྣམས་ཀྱི་གདུང་འབོད་ཀྱི་གསོལ་ … རྒྱས་པར་གཟིགས།