ང་ཚོའི་སྐོར།

རྩོམ་སྒྲིག་པའི་ལས་གཞི་དང་རྒྱབ་ལྗོངས་ངོ་སྤྲོད་མདོར་བསྡུས།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོ་མཆོག །

གདུལ་བྱའི་བསོད་ནམས་ཀྱི་བགོ་སྐལ་ཅུང་ཟད་ཕྲ་བས་རེ་ཞིག་གཟུགས་སྐུ་ཞི་བར་གཤེགས་ནའང་། སླར་ཡང་བསྟན་འགྲོའི་མགོན་དུ་ཡང་སྲིད་འཁྲུལ་བྲལ་བྱོན་ནས་གོང་མའི་རྣམ་ཐར་བདག་གིར་བཞེས་ཏེ། ཟབ་རྒྱས་གསུང་གི་བདུད་རྩི་ལ་མྱུར་བ་ཉིད་དུ་ལོངས་སུ་སྤྱོད་རྒྱུ་ཡོང་བའི་སྨོན་འདུན་དང་འབྲེལ། གང་གི་ཞབས་རྡུལ་སྤྱི་བོར་ལེན་པའི་གུས་སློབ་ཡོངས་དང་། ལྷག་པར་དུ་སྐྱབས་མཆོག་གང་གི་བླ་བྲང་སྐུ་འཁོར་རྣམས་ཀྱིས་ཐུགས་འདོད་ལྟར། གང་གི་སྐུའི་ཕྱག་མཛོད་དགེ་བཤེས་ཚེ་བརྟན་དགེ་ལེགས་སམ་དགེ་བཤེས་རྒྱལ་བསྟན་ཀུན་དགའ་མཆོག་དང་། སྐུ་ཞབས་ཆོས་འཁོར་རིན་པོ་ཆེ་མཆོག་རྣམ་པ་གཉིས་ཀྱིས་ལམ་སྟོན་གནང་བའི་ཐོག་༼༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་དྲ་མཛོད།༽ཅེས་པའི་བོད་ཡིག་དྲ་རྒྱ་གསར་བཟོའི་ལས་གཞི་དང་འབྲེལ་བའི་ལས་དོན་ཁག་ཕྱི་ལོ་ ༢༠༡༦ ལོའི་ཟླ་དང་པོ་ནས་འགོ་བརྩམས་ཏེ་མུ་མཐུད་དུ་མགོན་པོ་གང་གི་གསུང་རྩོམ་གྱི་རིགས་དང་། མཐའ་ཡས་པའི་མཛད་པ་དང་རྣམ་ཐར་གྱི་སྐོར། མདོ་སྔགས་གཞུང་ཆེན་ཁག་གི་དཔེ་ཁྲིད་ཀྱི་སྒྲ་འཇུག །བླང་དོར་ལེགས་ལམ་སྟོན་པའི་བཀའ་སློབ་ཁག །དབང་ལུང་མན་ངག་གི་གདམས་པ་ཟབ་མོ་སོགས་ཀྱི་སྒྲ་བརྙན་དང་དྲ་བརྙན་ཁག །རིན་པོ་ཆེ་མཆོག་གི་སྐུ་པར་གྱི་རིགས་དང་། འབྲེལ་ཡོད་ཀྱི་པར་རིས་གཞན་སོགས་དྲ་རྒྱ་འདི་བརྒྱུད་ནས་དོན་གཉེར་ཅན་ཀུན་གྱི་སྤྱན་ལམ་དུ་མངོན་པར་བྱེད་ཐུབ་པ་ནི། འོ་ཅག་རྣམས་ཀྱི་བསོད་ནམས་གསོག་པའི་བགོ་སྐལ་ཁྱད་པར་ཅན་ཞིག་དང་། རིན་པོ་ཆེ་མཆོག་གི་སློབ་མས་གཙོས་མཁྱེན་ལྡན་ཡོངས་ཀྱི་ཐུགས་འདོད་བཞིན་དྲ་རྒྱ་བརྒྱུད་ནས་གསན་གཟིགས་དང་། ཕབ་ལེན་ཐུབ་པ་བཟོས་ཡོད། མཁྱེན་ལྡན་རྣམས་ཀྱིས་ཀྱང་གཞན་ལ་ཁྱབ་སྤེལ་སོགས་གནང་ན་འདི་གའི་རྩོམ་སྒྲིག་པའི་ངོས་ནས་དགའ་བསུ་ཞུ་བཞིན་ཡོད།

དེ་ཡང་འཕྲུལ་དེབ་ཁག་དང་། PDF, EPUB གཟུགས་མཐོང་བརྙན་འཕྲིན། VIDEO སྒྲ་སྐད་རྐྱང་པ། AUDIO དེ་དག་ནི་ Website དྲ་མཛོད། Youtube བརྙན་མཛོད། Soundcloud སྒྲ་མཛོད། བཅས་ཀྱི་བརྒྱུད་ནས་ཕབ་ལེན་དང་གསན་གཟིགས་བྱེད་ཐུབ། དེ་ཡང་གློག་ཀླད་དང་། ལག་ཐོགས་ཁ་པར། དེ་བཞིན་འཕྲུལ་ཆས་འདྲ་མིན་ Computer, IPad, IPot, Mobile སོགས་ཀྱི་ཐོག་ཏུ་རིན་མེད་ཕབ་ལེན་དང་འཁོ་སྤྲོད་བྱེད་རྒྱུའི་འཆར་གཞི་དང་། དྲ་ལམ་བརྒྱུད་ནས་ཐད་ཀར་གསན་གཟིགས་དང་ལྟ་ཀློག་ཐུབ་པའི་ལས་གཞི་འགྲོ་བཞིན་ཡོད་ནའང་། དེང་གི་ཆར་བརྡ་འཕྲིན་གྱི་དུས་རབས་གསར་པ་ཆེས་འཕེལ་ཁ་ཆེ་བའི་སྐབས་འདིར་ལས་གཞི་འདི་དང་འབྲེལ་བའི་ཉམས་མྱོང་དང་ཤེས་ཚད་སོགས་ཀྱིས་རྗེས་མ་ཟིན་པས། ནོར་འཁྲུལ་མང་དག་ཅིག་ཡོད་ངེས་པས་མཁྱེན་ལྡན་སྤྱན་དཀྱུས་ཡངས་པའི་དོན་གཉེར་ཅན་རྣམས་ཀྱིས་ལེགས་ཉེས་བླང་དོར་ལམ་སྟོན་ལྷུག་སྩོལ་ཡོང་བ་ཅིས་ཀྱང་བཀའ་དྲིན་ཆེ།
དྲ་རྒྱའི་འཆར་འགོད་པ་རིགས་པའི་མྱུ་གུར་འབོད་པས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༣ ཉིན།

Related Articles

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com