ནང་ཆོས་ངོ་སྤྲོད།

སངས་རྒྱས་ཀྱི་བསྟན་པ་སྤྱིའི་ངོ་སྤྲོད།

སྤྱིར་སངས་རྒྱས་ཀྱི་བསྟན་པ་ཞེས་པ་དེ་ལ་ལུང་གི་བསྟན་དང༌། རྟོགས་པའི་བསྟན་པ་གཉིས་ཡོད། ལུང་གི་བསྟན་པ་དེ་ལ་སྡེ་སྣོད་གསུམ་དང༌། རྟོགས་པའི་བསྟན་པ་དེ་ལ་བསླབ་པ་གསུམ་ཡོད། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པའི་སངས་ཀྱི་བཀའ་དེ་ལ་འདུལ་བའི་སྡེ་སྣོད་དང༌། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པའི་བཀའ་དེ་ལ་མདོ་སྡེའི་སྡེ་སྣོད། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་བཀའ་དེ་ལ་མངོན་པའི་སྡེ་སྣོད་བཅས་འཇོག་པ་ཡིན། བཀའ་སྡེ་སྣོད་གསུམ་གྱིས་བརྗོད་བྱ་རྟོགས་པའི་བསྟན་པ་བསླབ་པ་གསུམ་ཡིན། དེའི་ནང་ནས་ཚུལ་ཁྲིམས་ཀྱི་བསླབ་པ་དེ། དཔེར་ན་ཤིང་སྡོང་གི་རྩ་བ་ལྟ་བུ་ཡིན། བསྟན་པའི་རྩ་བ་སོ་སོར་ཐར་པ་ཡིན་པར་བརྟེན་སོ་སོར་ཐར་པའི་སྡོམ་པ་སྲུང་བ་དེ་སངས་རྒྱས་བསྟན་པའི་རྩ་བ་ལྟ་བུ་ཆགས་ཡོད། ཐུན་མོང་གིས་དབང་དུ་བྱས་ནས་བཤད་པ་ཡིན་ན། ཚུལ་ཁྲིམས་ཀྱི་བསླབ་པ་ཞེས་པ་སོ་ཐར་གྱི་སྡོམ་པ་ལ་གོ་ཐུབ་ཀྱི་ཡོད། སོ་ཐར་གྱི་སྡོམ་པ་ཞེས་པ་དེ་ཤིན་ཏུ་ནས་ཕན་ཡོན་ཆེན་པོ་ཡིན་པ་དང༌། མངོན་མཐོའི་གོ་འཕང་ཐོབ་པར་བྱེད་པའི་རྒྱུའི་གཙོ་བོར་མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད།

ཅེས་འཇུག་པ་ལས་གསུངས་པ་རེད། དེ་འདྲ་ཡིན་དུས་མངོན་མཐོ་ལྷ་མིའི་གོ་འཕང་འཐོབ་པར་བྱེད་པ་ལ་ཚུལ་ཁྲིམས་ཡག་པོ་བསྲུང་རྒྱུ་གལ་ཆེ་ཤོས་ཤིག་ཡིན། དེར་བརྟེན་བཅོམ་ལྡན་འདས་ཀྱིས་ཀྱང་འདུལ་བའི་སྡེ་སྣོད་དང༌། ཚུལ་ཁྲིམས་ཀྱི་བསླབ་པ་ལ་བསྔགས་བརྗོད་ཆེན་པོ་གནང་ཡོད། སོ་ཐར་གྱི་སྡོམ་ལྡན་བྱང་ཆུབ་སེམས་དཔའ་ཞིག་གིས་སྡོང་བུ་སྣུམ་བྱུགས་ཏེ་སངས་རྒྱས་ཀྱི་རིང་བསྲེལ་གྱི་སྤྱན་སྔར་མལ་མེ་སྤར་བའི་ཕན་ཡོན་དེ་དང༌། བྱང་ཆུབ་སེམས་དཔའ་ཁྱིམ་པ་ཞིག་གིས་མར་ཁུ་རྒྱ་མཚོ་ཙམ་སྡོང་བུ་རི་རབ་ཙམ་ཕུལ་བ་ཡིན་ན་ཡང་། བྱང་ཆུབ་སེམས་དཔའ་སྡོམ་ལྡན་དེ་ཡིས་སྡོང་བུ་ལ་སྣུམ་བྱུགས་ནས་ཕུལ་བ་དེ་ཕན་ཡོན་ཆེ་བར་གསུངས་ཡོད། དེ་འདྲའི་ཕན་ཡོན་ཆེ་ཆུང་ཡོང་བ་དེ་གང་ཡིན་ཞེ་ན། གཉིས་ཀར་ཀུན་སློང་བྱང་ཆུབ་ཀྱི་སེམས་ཡོད་པ་མཚུངས་པ་དང་། འབུལ་ཡུལ་སངས་རྒྱས་ཀྱི་རིང་བསྲེལ་མཆོད་རྟེན་གྱི་དྲུང་ཡིན་པ་མཚུངས། དངོས་པོ་རྒྱ་ཆེ་ཆུང་ཡང་བྱང་ཆུབ་སེམས་པ་ཁྱིམ་པས་འབུལ་རྒྱུ་དེ་ཧ་ཅང་གི་རྒྱ་ཆེ་བ་ཡིན། འོན་ཀྱང་དེ་འདྲའི་ཕན་ཡོན་ཆེ་ཆུང་ཡོད་དགོས་པ་དེ། སོ་ཐར་གྱི་སྡོམ་པ་ཡོད་མེད་ཀྱི་ཁྱད་པར་ཡིན། དེ་བཞིན་དུ་འདུལ་བ་ལས། ཁྱིམ་པ་ཞིག་གིས་སངས་རྒྱས་ཀྱི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ཆེན་པོ་ཞིག་བཞེངས། དེ་ལས་དུས་རིང་པོ་ཞིག་ལ་བསོད་ནམས་བསགས་པ་ལས་ཀྱང་རབ་ཏུ་བྱུང་བའི་ཆེད་དུ་གོམ་པ་གཅིག་སྤོས་པ་ཡིན་ན་གོམ་པ་སྤོས་པ་དེ་བསོད་ནམས་ཆེ་བར་གསུངས་པ་རེད། དེར་བརྟེན་ཚུལ་ཁྲིམས་ཞེས་པ་དེ་ཉེས་སྤྱོད་ཀྱི་དྲི་མ་ཐམས་ཅད་འཁྲུད་པར་བྱེད་པ་ལ་ཆུ་ལྟ་བུ་ཡིན། དང་པོ་ཉེས་སྤྱོད་ཀྱི་གཞི་ལ་ཞུགས་པ་ཉེས་པ་ཆེན་པོ་ཡོད་མཁན་ཞིག་ཡིན་ཡང་རྗེས་སུ་སོ་ཐར་གྱི་སྡོམ་པ་བསྲུང་པ་ཡིན་ན། ཉེས་སྤྱོད་ཀྱི་དྲི་མ་དག་པར་བྱེད་པའི་ཉེས་སྤྱོད་ཀྱི་དྲི་མ་འཁྲུད་བྱེད་ཀྱི་ཆུ་ལྟ་བུ་དང༌། ཉོན་མོངས་པའི་དབང་གིས་སྡུག་བསྔལ་སྣ་ཚོགས་ཤིག་མྱོང་དགོས་པ་དེ་འདྲའི་སྡུག་བསྔལ་ཞི་བར་བྱེད་པ་དང༌། སྡུག་བསྔལ་གྱི་ཚ་གདུང་སེལ་བར་བྱེད་པ་ལ་ཟླ་བའི་འོད་ལྟ་བུ་དེ་འདྲའི་བསྔགས་བརྗོད་གནང་ཡོད། སོ་སོར་ཐར་པའི་སྡོམ་པ་ཞེས་ཐར་པ་ཐོབ་བྱེད་ཀྱི་རྒྱུ། ཐར་པ་དོན་དུ་གཉེར་བའི་བསམ་པས་ཟིན་པའི་སྒོ་ནས་སྡོམ་པ་བསྲུང་པ་དེ་ལ་སོ་ཐར་གྱི་སྡོམ་པ་ཟེར།

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com